KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་བརྒྱུད་སྨོན་ལམ་ཐེངས་ས་ོབརྒྱད་པ།

བཀའ་བརྒྱུད་སྨོན་ལམ་ཐེངས་ས་ོབརྒྱད་པ།

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་གསལ་བསྒྲགས།

རང་གཞན་ཀུན་གྱིས་ལོ་མང་རིང་༧བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་བཀའ་བརྒྱུད་སྨོན་ལམ་དུ་ཕེབས་རྒྱུ་བྱུང་ན་བསམ་པའི་རེ་བ་སྙིང་ལ་བརྣགས་ཤིང་། སྔ་རྗེས་སུ་གདན་འདྲེན་ཐེངས་འགའ་ཞུས་ཀྱང་ད་བར་ཕེབས་མ་གྲུབ། ད་རེས་སླར་ཡང་༧རྒྱལ་དབང་བཅུ་བདུན་པའི་བཀའ་དགོངས་ལྟར་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་འགན་འཛིན་བླ་མ་ཆོས་གྲགས་དང་། ཆོས་རྗེ་བླ་མ་ཕུན་ཚོགས། མཚུར་ཕུ་བླ་བྲང་ནང་དོན་འགན་འཛིན་རྒྱལ་མཚན་བསོད་ནམས་སོགས་ཆེད་དུ་༧བྱམས་མགོན་རྡོ་རྗེ་འཆང་གི་ཞབས་སར་བཅར་ནས། འཆར་ལོའི་ནང་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་ཚོགས་མགོན་དུ་ཅི་ནས་ཀྱང་ཕེབས་གྲུབ་ཐབས་ཀྱི་ཞུ་བ་ཕུལ་བ་ལ། ཐུགས་བརྩེེ་ཟབ་མོས་ཞལ་བཞེས་གནང་བར་མ་ཟད། ད་རེས་ང་སྨོན་ལམ་ལ་ཡོང་དུས་གཙོ་བོ་བཟང་སྤྱོད་སྨོན་ལམ་འབུམ་བཅུ། དམ་ཚིག་རྡོ་རྗེའི་བཟླས་པ་དུང་གཅིག་འགྲོ་ངེས་པ་དང་། མཆོད་མེ་འབུམ་གཅིག་ཡན་ཆད། བཀའ་འགྱུར་དག་འདོན་རྣམས་བྱ་དགོས་ཞེས་བཀའ་ནན་སྩལ་བ་ལྟར། ༧རྒྱལ་དབང་མཆོག་ནས་ཀྱང་༧བྱམས་མགོན་རིན་པོ་ཆེའི་དགོངས་བཞེད་ལྟར་སྒྲུབ་དགོས་པའི་བཀའ་ཕེབས་དོན་བཞིན། བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པ་སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ ཚེས་ ༡༤ ནས་ ཚེས་ ༢༥ བར་ཉིན་ཞག་བཅུ་གཅིག་གི་རིང་གནས་མཆོག་རྡོ་རྗེ་གདན་དུ་བསྐྱང་རྒྱུའི་མཛད་རིམ་ཟུར་གསལ་ལྟར་ཡིན་ཅིང་། དམིགས་བསལ་སྨོན་ལམ་སྔོན་འགྲོ་ཉིན་གསུམ་གྱི་རིང་༧བྱམས་མགོན་རྡོ་རྗེ་འཆང་ནས་བྱམས་པའི་སྨོན་ལམ་གྱི་བཀའ་ཁྲིད་དང་། བཀའ་དབང་། དབུ་ཞྭ་བསྒྲོན་མཇལ་བཅས་ཀྱི་སྐལ་བཟང་མངོན་དུ་འགྱུར་རྒྱུ་ལགས་ན་དེ་དོན་ཀུན་གྱིས་ཐུགས་འཇགས་ཞུ།