KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་འགྱུར་ཆོས་སྐོར།

བཀའ་འགྱུར་ཆོས་སྐོར།

 

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་བརྒྱད་པའི་ཐོག་༸སྐྱབས་མགོན་རྒྱལ་བའི་༸རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་གར་དབང་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་རྣམ་གཉིས་སྨོན་ལམ་ཆོས་ར་ནས་ཆིབས་འཕྲུལ་ ཐོག་རྡོར་གདན་མཆོད་རྟེན་ཆེན་མོར་ཆིབས་བསྒྱུར་བསྐྱངས་སྐབས་རྡོར་གདན་བྱང་ཆུབ་མཆོད་རྟེན་འཛིན་སྐྱོང་ཚོགས་པའི་དྲུང་ཆེ་ སྐུ་ཞབས་སྣང་མཛད་རྡོ་རྗེ་ལགས་སོགས་གནད་ཡོད་མི་སྣ་རྣམས་ནས་ནས་བྱོན་བསུའི་མཇལ་དར་ཕུལ་བ་ཕྱིར་སློག་མཛད་རྟིང་ བཀའ་འགྱུར་ཆོས་སྐོར་གྱི་སྟ་གོན་མཛད་ཡུལ་དུ་གཟིགས་ཞིབ་ལེགས་པར་བསྐྱངས།

དེ་མཇུག་༸སྐྱབས་རྗེ་རིན་པོ་ཆེ་རྣམ་གསུམ་གྱིས་དབུས་པའི་རྒྱ་བལ་འབྲུག་གསུམ་ནང་མཆིས་པའི་དགོན་སྡེ་ཁག་ཉེར་བདུན་ནས་ འདེམས་སྒྲུག་གིས་རུམ་བཏེག་གདན་སའི་མཁན་པོ་དང་སྒྲུབ་དཔོན་རྣམ་གཉིས་གཙོས་དགེ་སློང་ཉིས་བརྒྱ་ལྷག་ཡོད་པའི་ཁོངས་ ནས་ཕྱི་རྒྱལ་གྱི་དགེ་སློང་མ་ཡང་བཅུ་གྲངས་མཆིས་ཤིང་།
སྡེ་དགེ་བཀའ་འགྱུར་པོད་བརྒྱ་དང་བརྒྱད་བཞུགས་པ་དེ་དག་གདན་མི་དགེ་ སློང་བརྒྱ་དང་བརྒྱད་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་གླེགས་བམ་རེ་རེ་བཞིན་ཕྲག་པ་གཡོན་དུ་ཐོགས་ཏེ་བཀའ་འགྱུར་ཆོས་ སྐོར་གདན་འདྲེན་ཚུལ་གྱི་སྤྱོད་ལམ་རྒྱུགས་སྤྲོད་སྐབས་ཇི་ལྟར་ལམ་སྟོན་མཛད་པ་ལྟར་དུང་རྒྱ་སྤོས་སྣ་དང་བཅས་ཐོག་མར་མཆོད་ རྟེན་རིན་པོ ཆེའི་ཤར་སྒོའི་ནང་སྐོར་ནས་དབུ་འཛུགས་ཀྱིས་ཕྱི་སྐོར་དུ་རིམ་གྱིས་ཕེབས། དགེ་སློང་གཞན་རྣམས་ཀྱང་ཐུབ་པའི་མཚན་སྔགས་དབྱངས་རྟ་སྙན་པོས་འདོན་བཞིན་མཇུག་ཏུ་རིམ་གྱིས་མཐུད་དེ་གཤེགས། ཆོས་སྐོར་དུ་ཕེབས་སྐབས་ཕེབས་ལམ་གྱི་གཡོན་གྲལ་མཐའ་སྐོར་དུ་ཕྱི་ནང་དད་ལྡན་མི་མང་སྟོང་ཚོ་དུ་མས་ལག་ཏུ་སྲིད་ན་རིང་ བའི་ལྷ་གོས་་དང་། ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས། དྲི་ངད་རབ་ཏུ་ལྡང་བའི་བདུག་སྤོས་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་ པ་ལག་ཏུ་ཐོགས་ཏེ། དད་གུས་ཆེན་པོས་ཕེབས་ལམ་གཡས་གཡོན་དུ་སྒྲེང་སྟེ་ངག་ནས་ཐུབ་པའི་གཟུངས་སྔགས་སྙན་པའི་དབྱངས་ ཀྱིས་འདོན་བཞིན་དུ་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་སྨོན་ལམ་འདེབས་བཞིན་དགེ་སློང་རྣམས་གཤེགས་ཤུལ་གྱི་མཇུག་ཏུ་ དལ་གྱིས་སྙེགས།

དེ་མཇུག་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་དང་། ༸སྐྱབས་རྗེ་གར་དབང་རིན་པོ་ཆེ། ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་རྣམ་ གསུམ་དང་བཀའ་འགྱུར་ཆོས་སྐོར་ཞུ་མི་དགེ་སློང་རྣམས་ཕྱིར་ཕེབས་ཀྱིས་བཞུགས་གྲལ་དུ་འཁོད་དེ་སྨོན་ལམ་ཆོས་རར་བཞུགས་པའི་ དགེ་བཙུན་ཡོངས་དང་ལྷན་དུ་བཀའ་འགྱུར་གླེགས་བམ་རྣམས་ཕན་ཚུན་ཆ་བགོས་ཀྱིས་གསུང་གི་གདངས་དབྱངས་གྲིམས་ལྷོད་རན་ པའི་སྒོ་ནས་དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་ནང་དབུ་ནས་མཇུག་བར་དག་སྒྲོགས་ལེགས་པར་ཞུས་པའི་གནས་ཚུལ་སྙིང་བསྡུས་སུ། བསྟན་འཛིན་རྣམ་རྒྱལ་ནས།

 

20200206_Kangyur Procession

 

20200206_Kangyur Reading