KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
རྒྱལ་བ་བྱམས་པའི་རྗེས་གནང་སྩལ་མཛད་པ།

རྒྱལ་བ་བྱམས་པའི་རྗེས་གནང་སྩལ་མཛད་པ།

རྒྱལ་བ་བྱམས་པའི་རྗེས་གནང་སྩལ་མཛད་པ།

སྨོན་ལམ་ཐེངས་ ༣༨ པའི་སྔོན་འགྲོའི་གསུང་ཆོས་ཉིན་གསུམ་པ། ཆོས་ཐུན་གཉིས་པ།

སྤྱི་ལོ་ ༢༠༢༤ སྔ་དྲོ་ཕྱག་ཚོད་བཅུ་པའི་ཐོག་མཐོང་གྲོལ་དབུ་ཞྭའི་མཇལ་ཁ་གནང་ཟིན་རྗེས། ཕྱག་ཚོད་བཅུ་གཅིག་ཐོག་ ༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་ཀྭན་ཏིང་ཏཱའི་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་སླར་ཡང་སྤོས་རྒྱ་བསུ་བ་དང་བཅས་གསེར་གྱི་ཁྲི་འཕང་ཡངས་པོར་ཕེབས་གྲུབ་དང་བསྟུན་རིན་པོ་ཆེ་མཆོག་ནས་དབང་སྒྲུབ་གནང་ཞིང་། རིམ་པར་རྒྱལ་བ་བྱམས་པའི་རྗེས་གནང་ཟབ་མོ་བསྩལ་བར་གསོལ་བ་འདེབས་པའི་སླད་དུ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།
དེ་ནས་༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་དབང་གི་བརྒྱུད་རིམ་དང་། དབང་ཞུ་སྐབས་ཀུན་སློང་འཁྱེར་སྟངས། སྐུ་གསུང་ཐུགས་ཀྱི་དབང་རེ་རེའི་སྐབས་སུ་སོ་སོར་དབང་ཐོབ་སོང་སྙམ་པའི་མོས་པ་ཇི་ལྟར་བྱེད་དགོས་ཚུལ་སོགས་དང་། ཁོང་ལ་དབང་འདི་དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེས་གནང་ཞིང་། བརྒྱུད་པ་བར་མ་ཆད་པ་ཡིན་པས་བྱིན་རླབས་ཀྱི་ཚན་ཁ་མྱུར་བ་དང་། ཆོད་སྒོ་ཆེ་བས་ཏན་ཏན་བྱིན་རླབས་སྣེ་རེ་འབྱུང་བ་ཞལ་བཞེས་བཟང་པོ་གནང་མཛད་སོང། །
དེ་ནས་བླ་མས་དབང་གི་བྱ་བ་རྣམས་ལེགས་པར་གྲུབ་རྗེས་སློབ་མས་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས།
གྲྭ་བཙུན་སེར་སྐྱ་ཕོ་མོ་ཁྲི་གཅིག་ཙམ་ལ་རིམ་པར་༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཇོ་ནང་སྐྱབས་མགོན། ཟུར་མང་གར་དབང་རིན་པོ་ཆེ། ཡོངས་དགེ་མི་འགྱུར་རིན་པོ་ཆེ་སོགས་ཀྱིས་དབང་འགྲེམ་མཛད། སྨོན་ལམ་ཆོས་ར་ཕྱི་ནང་ཀུན་དད་ལྡན་ཆོས་ཞུ་བས་ཁེངས་ཤིང་། ༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་དབུས་དབང་གནང་བར་ཕེབས་མཛད་མཁན་རྣམ་པ་ཆུ་ཚོད་གཅིག་ལྷག་ཙམ་དབང་འགྲེམ་ལ་ཕེབས་མཛད་དེ་མཐར་ཆུ་ཚོད་གསུམ་པ་ཡོལ་རྒྱབ་དབང་ལེགས་པར་གྲུབ། ཕྱི་དྲོ་ཆུ་ཚོད་བཞི་པ་ལ་ཞལ་འདོན་ཡང་མཇུག་གྲུབ་སྟེ་ཉིན་གཅིག་གི་མཛད་རིམ་རྣམས་གྲུབ་པས་སྨོན་ལམ་སྔོན་འགྲོའི་གསུང་ཆོས་མཇུག་ལེགས་པར་གྲུབ་པ་ཡིན་ནོ། །

གནས་ཚུལ་རགས་བསྡུས་སུ་ཐུབ་བསྟན་སྦྱིན་པས་སྤྱི་ལོ་ ༢༠༢༤ ༡ ༡༦ ཕྱི་དྲོར་བྲིས་པའོ། །

2024.01.16 Maitreya Empowerment