KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

སྐབས་སོ་བདུན་པའི་སྨོན་ལམ་སྔོན་འགྲོའི་གསུང་ཆོས། ༧སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་གི་སྒོམ་ཁྲིད། ཉིན་གསུམ་པའི་ཆོས་ཐུན་གཉིས་པ།

 

ཆོས་ར་འདིར་ལྷན་འཛོམས་གྲུབ་པ་དང་། ༧སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་དམངས་ལ་དྲི་བ་རེ་ཟུང་ཞིག་འདྲི་བའི་གོ་སྐབས་སྩལ། དགེ་འདུན་པ་ཞིག་གིས་དྲན་པ་བརྟན་པོ་ཡོང་ཆེད་གང་བྱ་དགོས་ཞེས་དྲི་བ་ཞུས། ཞུས་ལན་དུ་དྲན་པ་ཡུན་ཐུང་ལ་ལན་མང་པོར་གཏད་དགོས་པར་གསུངས། ཡང་དྲི་བ་ཞིག་ལ་ཞི་གནས་སྒོམ་སྐབས་གཡང་ནས་ལྷུང་བ་ལྟ་བུའི་ཉམས་ཤིག་ཡོང་གི་འདུག་དེ་ཉམས་གསུམ་པོ་གང་གི་ཁོངས་སུ་བསྡུས་ཞེས་པར། ལན་དུ་སྟོང་ཉམས་ཡིན་ཞེས་ལན་ཟབ་བསྐྱངས་རྟིང་། ཐུན་དང་པོའི་ཐུན་མཚམས་སྐབས་ང་ལ་དམིགས་པ་གཏད་དགོས་པའི་ནང་སྦྱོང་གནང་བ་དེའི་ཐད་དུ་ང་ལ་བལྟ་དུས། ང་བརླག་པར་གཟིགས་པ་དང་། ང་མི་རྟག་པ་སྡུག་བསྔལ་གཞན་དབང་ཅན་དུ་གཟིགས་པ་དང་། ཡང་ན་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་ངར་འཛིན་དེ་གཟིགས་པ་སོགས་གང་འབྱུང་གི་འདུག་ཅེས་བཀའ་འདྲི་བསྐྱངས། ཐེག་པ་ཆེན་པོའི་ལྷག་མཐོང་སྐབས་ངར་འཛིན་གྱི་ཡུལ་དང་དེའི་འཛིན་སྟངས་དེ་ལེགས་པོར་ངོས་འཛིན་གྱི་ཡོད། ངོས་འཛིན་ཏེ་གང་རྙེད་ཀྱི་ཡོད་ཅེ་ན། དེ་མི་རྟག་སྡུག་བསྔལ་གཞན་དབང་ཅན་དུ་རྙེད། དེ་གལ་ཆེན་པོ་ཡིན། དེ་ཉན་ཐོས་དང་ཐུན་མོང་ཡིན། ཉན་ཐོས་ཐེག་པའི་ལྷག་མཐོང་ཡིན། ཐེག་ཆེན་གྱིས་མི་རྟག་སྡུག་བསྔལ་གཞན་དབང་ཅན་དེ་ཡང་བདེན་མེད་དུ་གཏན་ལ་ཕབ་ཀྱི་ཡོད། བདེན་མེད་དུ་གཏན་ལ་ཕབ་ཚུལ་ནི། དཔེར་ན། བུམ་པ་ཞེས་པ་དེ་ལྟོ་བ། མཆུ། ཞབས་ཞུམ་སོགས་རྡུལ་དུ་མ་འཛོམས་པ་ཞིག་ལ་བཏགས་ཀྱི་ཡོད། དེ་རེ་རེ་ནས་སོ་སོར་བསལ་ན་བུམ་པ་གང་དུའང་མི་རྙེད། མཐར་རྡུལ་ཕྲན་ལྷག་གི་ཡོད། དེ་ལ་བྱེ་མདོ་གཉིས་ཀྱིས་རྡུལ་ཕྲན་ཆ་མེད་དུ་འདོད་པ་དང་། སེམས་ཙམ་པས་རྡུལ་ཕྲན་ཆ་མེད་དེ་ཡང་མ་གྲུབ་པ་གཏན་ལ་འབེབས་ཚུལ་ཐད་དཔེ་ཚ་ལུ་མ་དང་སྦྱར་ནས་གོ་བདེ་བར་གསུངས། སྔོན་བྱུང་མུ་སྟེགས་རྣམས་ཀྱིས་རྡུལ་ཕྲན་ཆ་མེད་རྟག་པའི་ངོ་བོར་འདོད། ཚན་རིག་པས་རྡུལ་ཕྲན་དེ་ལ་ Atom ཞེས་པའི་ཐ་སྙད་བཏགས་ཏེ་དེ་ལོ་བདུན་ཅུའི་སྔོན་དུ་རྟག་པ་གཅིག་པུ་བདེན་གྲུབ་དུ་ཁས་ལེན་གྱི་ཡོད། དེང་སང་ལོ་བཅུ་བཅུ་གཉིས་འགྲོ་ཡི་ཡོད། རྡུལ་གཅིག་ལ་བརྒྱ་ཆ་དགུ་བཅུ་གོ་དགུ་སྟོང་པ་ཡིན་པ། བརྒྱ་ཆ་གཅིག་དངོས་པོར་ཡོད། དེ་ཡང་བརྒྱ་ཆ་དགུ་བཅུ་གོ་དགུ་སྟོང་པ་ཡིན་པ་བཤད་ཀྱི་ཡོད། ཐེག་ཆེན་ལྷག་མཐོང་གིས་རྡུལ་ཕྲན་དང་ང་སོགས་ཅི་ཡང་མ་གྲུབ་པར་བདེན་མེད་དུ་གཏན་ལ་ཕབ་ཀྱི་ཡོད། རིན་པོ་ཆེ་མཆོག་གིས་མཐོང་བ་མངོན་གྱུར་གྱི་དཔེ་ཕྱག་གཡས་གཡོན་གཉིས་ལ་དབྱུག་པ་རིང་ཐུང་གཉིས་བཏོན་ཏེ། དེ་གཉིས་གང་ཐུང་བ་འདུག་ཅེས་དྲི་བ་མཛད། དམངས་ནས་གཡས་ལ་ཡོད་པ་དེ་ཐུང་ཞེས། སླར་དེ་ལས་ཐུང་བ་ཞིག་བཏོན་ཏེ། ད་གང་ཐུང་གི་འདུག་ཅེས། དེ་ལ་ལྟོས་དེ་གོང་གི་རིང་པོར་འགྱུར། མདོར་ན་རིང་ཐུང་དེ་ཡང་གཅིག་ལ་ལྟོས་ནས་རིང་ཐུང་བཞག་པ་ཙམ་ལས། དབྱུག་པ་གཅིག་པུ་དེ་ཉིད་རིང་ཐུང་གང་གི་ངོ་བོར་ཡང་མ་གྲུབ། རིན་པོ་ཆེ་མཆོག་ནས་དམངས་ལ་རྨི་ལམ་དུ་སྟག་གཟིག་གིས་ཟ་བ་དང་། འབྱུང་བཞིའི་འཇིགས་པ་བྱུང་སྐབས། འཇིགས་པའམ་སྡུག་བསྔལ་ལས་གྲོལ་བའི་ཐབས་གང་ཡོད་ཅེས་དྲི་བ་ཞིག་མཛད། དམངས་ནས་གྲོས་བསྡུར་བྱས་ཏེ། ལན་བཟང་པོ་ཕུལ་སོང། ངོས་ནས་གལ་ཆེ་ཤོས་དེ་རྨི་ལམ་རྨི་ལམ་ཡིན་པར་ཤེས་རྒྱུ་དེ་ཡིན་ཞེས་གསུངས། སྔ་དྲོའི་ཆོས་ཐུན་གཉིས་པ་དེ་ཙམ་གྱིས་མཇུག་གྲུབ་བོ།།

བསོད་ནམས་དབང་རྒྱལ་ནས།

20200130AM_Teaching on Meditation