KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་ཉིན་བཞི་པ།

རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་ཉིན་བཞི་པ།

སྤྱི་ལོ་ ༢༠༢༤/༡/༢༡ ཉིན་བཞི་པ།
ཁྲི་གདུགས་འོད་ཀྱིས་མ་དེད་ན། ། སྐྱ་རེངས་ཤར་བ་ག་ལ་སྲིད། །
ཅེས་པ་ལྟར། ཤར་ཕྱོགས་ཀྱི་དྭངས་ཤིང་གཙང་བའི་ཨ་སྔོན་ནམ་མཁའི་དབྱིངས་སུ་ཤར་བའི་ཉི་འོད་ཀྱི་འོད་མདངས་འཚེར་བའི་དབང་གིས། འཇིག་རྟེན་སྣོད་ཀྱི་མུན་པ་ནག་པོའི་མགོ་བ་བཅོམ་ནས་སྐྱ་རེངས་འཆར་ལ་ཉེ་བའི་མཚམས་སུ། བྱ་དང་བྱིའུ་ཡི་སྐད་སྙན་སེང་སེང་སྒྲོག་བཞིན་པའི་དུས་སུ། འགྲོ་མགོན་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོར་ཕེབས་པའི་དགེ་འདུན་པ་རྣམས་སྐུ་བཞེངས་པའི་བརྡ། འཁར་རྔ་ལྷང་ལྷང་བརྡུང་བ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མ་སྐྱོར་བཞིན་པའི་འུར་སྒྲ་ལྡིར་ལྡིར་དང་བཅས་ཏེ་དགེ་འདུན་བཙུན་པ་བཙུན་མ་རྣམས་སྐུ་བཞེངས་ཏེ་ཞོགས་པའི་རླངས་ཟིལ་ཁྲོད་དུ་ཞལ་ཕྱག་བཀྲུས་ནས། ཕྱག་ཚོད་དྲུག་པའི་ཐོག་སྨོན་ལམ་ཆེན་མོའི་ཆོས་རྭར། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་དང་། ༧སྐྱབས་ཡོངས་དགེ་མི་འགྱུར་རིན་པོ་ཆེ་གཙོས་པའི་བླ་སྤྲུལ་མཁན་སློབ་ཡོངས་རྫོགས་ཕེབས་ནས། འདིའི་ལོ་དམིགས་བསལ་དུ་སྨོན་ལམ་སྐབས་སུ་དཀོན་མཆོག་གི་སྤྱན་སྔར་ཉི་མ་རེ་ལ་མཆོད་མེ་གཅིག་ཁྲི་ལྔ་སྟོང་ཙམ་འབུལ་བཞིན་ཡོད་ལ། དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞལ་སྔ་ནས། མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཁམས་ཀྱི་ཁོར་ཡུག་དང་མཉམ་པར་གྱུར་ཅིག སྡོང་བུ་ནི་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ཅིག མར་ཁུ་ནི་མཐའི་རྒྱ་མཚོ་ཙམ་དུ་གྱུར་ཅིག གྲངས་ནི་སངས་རྒྱས་རེ་རེའི་མདུན་དུ་དུང་ཕྱུར་རེ་རེ་འབྱུང་བར་གྱུར་ཅིག འོད་ཀྱིས་སྲིད་པའི་རྩེ་མོ་མན་ཆད་ནས་མནར་མེད་པའི་དམྱལ་བ་ཡན་ཆད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞིང་ཁམས་ཐམས་ཅད་མངོན་སུམ་དུ་མཐོང་ཞིང་གསལ་བར་གྱུར་ཅིག་གསུངས་པ་ལྟར། དེའི་སླད་དུ་དམིགས་ཏེ་འབུལ་བཞིན་ཡོད་པས། མཆོད་མེ་དེ་དག་སྤར་ནས་། སྟོན་མཆོག་ཐུབ་པ་དོན་ཀུན་འགྲུབ་པའི་སྐུ་བརྙན་དང་། ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོ་ལ་གུས་འཚལ་ལན་གསུམ་ཕུལ་ཏེ་བཞུགས་གདན་དུ་འཁོད་པའི་དགེ་འདུན་གྱི་གདན་འཛོམས་པ་ཆེན་པོས། ས་གཞི་བྱིན་བརླབ་ནས་དབུ་བཙུགས་ཏེ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་དམ་ཚིག་རྡོ་རྗེའི་བཟླས་པའི་འབུམ་ཚོགས་དབུ་བཙུག །༧ སྐྱབས་རྗེ་འབོ་དཀར་ཆུང་སྲིད་རིན་པོ་ཆེ་རྡོར་གདན་མཆོད་རྟེན་དུ་ཕེབས་ནས་ཐུབ་སྐུ་མཐོང་གྲོལ་ཆེན་མོ་ལ་ན་བཟའ་བསྒྲོན་འབུལ་དང་། ཞལ་ཟས་རོ་བརྒྱ་ལྟ་བུའི་ཟས་རིགས་དང་། ཤིག་ཏོག་གི་རིགས་སྣ་ཚོགས་ཀྱིས་ཕྱུར་བུར་བཀང་བའི་ལྷུང་བཟེད་ཕུལ་ཏེ་ཚོགས་མཆོད་དང་། གསོལ་འདེབས་སྨོན་ལམ་གསུང་གནང་བར་མཛད།
ཚོགས་ཐེངས་གཉིས་པའི་སྐབས་སུ། སྒྲུབ་བརྒྱུད་བསྟན་པའི་མཛེས་རྒྱན་༧བྱམས་མགོན་རྡོ་རྗེ་འཆང་མཆོག་ཚོགས་ཕེབས་གནང་ནས་རྒྱལ་ཕྱི་ནང་ཀུན་ནས་འབྱོར་བའི་གཏོང་ཕོད་ཅན་གྱི་དད་ལྡན་སློབ་མ་རྣམས་ཀྱི་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་རྗེས། ༧བྱམས་མགོན་རྡོ་རྗེ་འཆང་དང་ལྷན་དུ་འབུམ་ཚོགས་སྨོན་ལམ་དང་དམ་ཚིག་རྡོ་རྗེའི་བཟླས་པ་ཕྱག་ཚོད་བཅུ་གཅིག་བར་དུ་བསགས་ནས། དགེ་འདུན་བཙུན་པ་བཙུན་མ་དང་དད་ལྡན་དམངས་ཚོགས་རྣམས་ཉིན་དགུང་གསོལ་ཚིགས་ལ་རོལ་བཞིན་དུ་ཕྱག་ཚོད་དང་པོ་དང་ཕྱེད་ཀ་བར་ངལ་གསོའི་བར་སེང་དང་།
སླར་ཕྱག་ཚོད་དང་པོ་དང་ཕྱེད་ཀ་ཐོག་ཚོགས་ཐེངས་གསུམ་པ་དབུ་བཙུགས་ནས་སྨོན་ལམ་དང་དམ་ཚིག་རྡོ་རྗེའི་བཟླས་པ་ཕྱག་ཚོད་གསུམ་པའི་བར་གྲངས་བསགས་རྗེས། ཚོགས་ཐེངས་བཞི་པའི་སྐབས་སུ་འབུམ་ཚོགས་སྨོན་ལམ་གང་མཚམས་བསགས་གནང་རྗེས། མགོན་པོ་བེར་ཅན་ལྕམ་དྲལ་གྱི་གསོལ་ཁ་བསྡུས་པ་དང་བསྟན་རྒྱས་སྨོན་ལམ་སོགས་ཀྱིས་རྣམ་དཀར་གྱི་དགེ་ཚོགས་མཐར་བརྒྱན་ནས་སྨོན་ལམ་ཉིན་བཞི་པའི་མཛད་རིམ་མཇུག་ལེགས་པར་གྲུབ་པའི་སྣང་བརྙན།
སྤྱི་ལོ་༢༠༢༤/༡/༢༡ ཉིན་བཀའ་བརྒྱུད་སྨོན་ལམ་གྱི་གནས་ཚུལ་ཕྱོགས་བསྡུས་པ་ཉི་མ་དོན་འགྲུབ་ནས་ཕུལ།
2024.01.21 The Million Aspiration Monlam: Day Four