KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སུམ་ཅུ་སོ་བརྒྱད་པའི་ཉིན་གསུམ་པ།

འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སུམ་ཅུ་སོ་བརྒྱད་པའི་ཉིན་གསུམ་པ།

གྲང་ངར་ཆེས་ཆེ་ཞིང་སྨུགས་པ་མཐུག་པོས་འཐིབས་པའི་གནམ་གཤིས་ནི་གནས་མཆོག་རྡོ་རྗེ་གདན་གྱི་དགུན་ཁའི་སྔ་དགོང་གི་རྒྱུན་ལྡན་གྱི་གནམ་གཤིས་ལྟར་ལགས་ཀྱང་། སྤྱི་ལོ་ ༢༠༢༤/༡/༢༠ ཉིན་སྔ་དྲོ་ཕྱག་ཚོད་དྲུག་པའི་ཐོག་བསླབ་གསུམ་བསྟན་པའི་གཞི་མར་གྱུར་པ་དགེ་སློང་ཕ་མ་དང་། དགེ་ཚུལ་ཕ་མ་རྣམས་ནང་ནས་ཆོས་གོས་གསུམ་གྱིས་བརྒྱན་ཞིང་། ཕྱི་ནས་ཟླ་གམ་གྱིས་བཀླུབས་ཤིང་ཕེབས་ནས་ཆོས་རའི་ཆོས་གྲལ་དུ་བཞུགས་པ་དང་། འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཕོ་མོ་ཡོངས་བཅས་ཆོས་རའི་ཆོས་གྲལ་དུ་བཞུགས་པའི་དབུས་སུ། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་མཆོག་གིས་གཙོས་པའི་མཆོག་གི་སྤྲུལ་སྐུ་རྣམ་པ་དང་། མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཕྱག་འཚལ་ཞིང་བཞུགས་གདན་དུ་ལེགས་པར་བཞུགས་པའི་རྗེས། དབུ་མཛད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་དང་ས་གཞི་བྱིན་རླབས་ནས་འགོ་བཟུང་ནས་བཟང་སྤྱོད་སྨོན་ལམ་དང་། དམ་ཚིག་རྡོ་རྗེའི་བཟླས་པ་བགྲང་གསོག་མཛད་པ་དང་། དེ་བཞིན་ལོ་ལྟར་བཀའ་བརྒྱུད་སྨོན་ལམ་གྱིས་ཉིན་ལྟར་གོ་སྒྲིག་མཛད་པ་ལྟར། དེ་རིང་༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་རྡོར་གདན་མཆོད་རྟེན་ཆེན་མོའི་ནང་གི་སྐུ་འདྲ་མཐོང་གྲོལ་རིན་པོ་ཆེར་ན་བཟའ་དང་། ཚོགས་ཀྱི་མཆོད་འབུལ་དང་གསོལ་འདེབས་སོགས་ཞུས་གནང་མཛད་པ་དང་།
དེ་ནས་ཚོགས་ཐེངས་དང་པོ་གྲོལ་ནས་བར་གསེང་སྐར་མ་བཅོ་ལྔ་བཞག་རྗེས། ཆོས་ཐེངས་གཉིས་པར་བཟང་སྤྱོད་སྨོན་ལམ་ཐེངས་འགའ་འདོན་པའི་རྗེས་སུ་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་༧ བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཕེབས་པ་ལ་སྐུ་གསུང་ཐུགས་ཀྱི་མཎྜལ་འདེགས་འབུལ་ཞུས་པ་དང་། དེ་ནས་སྔར་བཞིན་བཟང་སྤྱོད་སྨོན་ལམ་དང་། དམ་ཚིག་རྡོ་རྗེའི་བཟླས་པའི་བགྲང་གསོག་མཛད་པ་དང་། ཕྱག་ཚོད་བཅུ་གཅིག་ཐོག་ཆོས་ཐུན་གཉིས་པ་གྲོལ་རྗེས་ཐམས་ཅད་ཉིན་གུང་གུང་ཚིགས་ལ་ཕེབས།

ཉིན་གུང་ཕྱག་ཚོད་གཅིག་དང་ཕྱེད་ནས་ཆོས་ཐུན་གསུམ་པ་དང་བཞི་པའི་སྐབས་སུ་ཡང་སྔར་བཞིན། བཟང་སྤྱོད་སྨོན་ལམ་དང་། དམ་ཚིག་རྡོ་རྗེའི་བཟླས་པ་བགྲང་གསོག་མཛད་པ་དང་། དེ་བཞིན་བྱམས་པ་སྨོན་ལམ། མགོན་པོ་བེར་ཅན་ལྕམ་དྲལ་གྱི་གསོལ་ཁ་བསྡུས་པ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་རྒྱས་སྨོན་ལམ་དང་། བཀྲ་ཤིས་བཅས་དབྱངས་རྟ་སྙན་མོ་གངྒཱའི་ཆུ་རྒྱུན་ལྟར་བར་གསེང་མ་གཏོགས་ཆད་མེད་དུ་དབྱངས་སུ་ལྡི་རི་རི་གྱེར་བས་ཆོས་སེམས་ཅན་གྱི་བློ་ལྡན་ཞིག་གིས་ཐོས་པའམ་མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག་ཅིང་། སྦྱིན་བདག་རྣམས་ཀྱིས་དད་པས་ཕུལ་བའི་རྒྱུ་རྫས་ཆུ་ལེན་གྱི་བུམ་པ་སྟོང་ལོག་མིན་པའི་དཔེ་བཞིན་ཆུད་ཟོས་སུ་མི་འགྲོ་བའི་ཡིད་ཆེས་ངང་གིས་སྐྱེ་བར་ངེས་པའི་ངང་ནས་རྡོར་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༣༨ པའི་ཉིན་གསུམ་པ་ལེགས་པར་གྲུབ་པའི་མཐུས་རྒྱལ་བསྟན་ཡུན་རིང་དར་ཞིང་གནས་པ་དང་། འགྲོ་ཀུན་སངས་རྒྱས་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག །

ཅེས་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༨ པའི་ཉིན་གསུམ་པའི་གནས་ཚུལ་སྙིང་བསྡུས་སུ་པདྨ་དབང་རྒྱལ་མིང་པས་བྲིས་པ་དགེའོ།། །།
2024.01.20 The Million Aspiration Monlam • Day Three