KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
གསོ་རིག་བོད་ཀྱི་སྨན་སྦྱིན་ཁང་།

གསོ་རིག་བོད་ཀྱི་སྨན་སྦྱིན་ཁང་།

རིན་མེད་སྨན་སྦྱིན་བསྟི་གནས་འཕར་མ་ཞིག་སྨོན་ལམ་ཆོས་རའི་རྒྱབ་ཕྱོགས་སུ་གུར་གྱི་ནང་ཚུགས་ཡོད་ཅིང་། དེར་བོད་ཀྱི་ཐུན་མིན་ལམ་སྲོལ་གྱི་སྨན་ནད་གཞི་དང་མཐུན་པར་རིན་མེད་དུ་སྦྱིན་པར་བྱེད་མོད།

1. རིན་མེད་བོད་ཀྱི་སྨན་སྦྱིན་ཁང་འདི་ཉིད་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཚོགས་པ་དང་། བོད་ཀྱི་སྨན་རྩིས་ཁང་། དཔལ་སྤུངས་ཆེས་མཐོའི་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན། མཚུར་ཕུ་བླ་བྲང་བཅས་ཐུན་མོང་གིས་གོ་སྒྲིག་ཞུས་པ་ཞིག་ཡིན།

 

2. འདི་ཉིད་ཧི་མཱ་ལ་ཡ་དང་རྒྱ་གར་གྱི་མི་མང་གཉིས་ཀའི་ནང་གྲགས་ཆེ་བས་ཐོ་རངས་ནས་གྲལ་སྒྲིག་སྟེ་འདུག་དགོས།

 

3.བོད་ཀྱི་སྨན་ལུགས་ནང་ལྷ་རྗེས་ནད་པའི་རོ་འཛིན་ལ་བརྟག་པ་དང་། དེ་བཞིན་ཆབ་བརྟག །གཞན་ཡང་ལག་པའི་ཁྲག་རྩ་
བརྟག་པའི་སྒོ་ནས་ནད་ཀྱི་ངོས་འཛིན་བྱེད།

 

4. རྩ་བརྟག་ཐབས་ཤིན་ཏུ་འཇམ་སྟེ། དེ་ཡང་ལྷ་རྗེའི་སོར་མོ་དང་གུང་མཛུབ་གཉིས། དེ་བཞིན་མཐེ་བོང་བཅས་གསུམ་གྱིས་ནད་པའི་ལག་གི་ཁྲག་རྩ་དཔྱད་དེ་ནད་ཅི་ཡིན་རྟོག་པར་བྱེད་མོད། དེ་ཡང་སྐྱེས་པར་ལག་གཡོན་དང་། བུད་མེད་ལ་ལག་གཡས་ཀྱི་མདུན་གྱི་ཁྲག་རྩ་བརྟག་པར་བྱེད།

 

5. རྩ་རིགས་མི་འདྲ་བ་དྲུག་གི་སྒོ་ནས་ལུས་ཀྱི་ནང་ཁྲོལ་དཔེར་ན། སྙིང་དང་། གློ་བ། རྒྱུ་མ་ཆེ་ཆུང་། ཕོ་བ་སོགས་ཀྱི་བྱེད་ལས་དང་འབྲེལ་བའི་སྒོ་ནས་ནད་རྣམས་ཇི་ཡིན་དཔྱོད་པར་བྱེད།

 

6. སྨན་བཅོས་ཀྱི་ཐབས་ལམ་སྣ་ཚོགས་ཡོད།

 

7. དེ་ཡང་དཔེར་ན། འཕྲལ་དུ་བྱུང་བའི་ལུས་ཀྱི་རྨ་དང་། ཡུན་རིང་ལོན་པའི་རྨ་རྣམས་གསོ་ཕྱིར་གསོ་རིག་གི་བྱུག་སྨན་སྣ་ཚོགས་ཡོད།

 

8. མྱོང་བ་ཅན་གྱི་ལག་ལེན་གྱི་སྒོ་ནས་བསྐྲུན་པའི།

 

9. བོད་སྨན་གྱི་རིལ་བུ་སྣ་ཚོགས་ཡོད།

 

10. སྨན་སྦྱིན་ཁང་དུ། བོད་ཀྱི་སྨན་སྦྱིན་པ་རྣམས་ནས་སྨན་ཡིག་གི་རྣམ་གྲངས་གཞིར་བཟུང་བོད་སྨན་མཁོ་སྤྲོད་བྱེད།

11. ནད་པ་རྣམས་ཀྱིས་སྨན་སྦྱིན་ཁང་ནས་སྨན་རིན་མེད་དུ་དང་བས་ལེན་པར་བྱེད།