KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
མར་མེ་སྨོན་ལམ།

མར་མེ་སྨོན་ལམ།

མར་མེའི་སྨོན་ལམ། དུས་ཚོད། ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་ ༢༡ ཉིན། ས་གནས། བཀའ་བརྒྱུད་སྨོན་ལམ་ཆོས་ར།
འདི་ལོ་བཀའ་བརྒྱུད་སྨོན་ལམ་ཐེངས་སུམ་ཅུ་རྩ་དྲུག་པའི་མཐའ་མར་དགེ་བ་མར་མེའི་སྨོན་ལམ་དེ་ཉིད་བཀྲ་ཤིས་པ་དང་དགའ་བདེ་ཕུན་སུམ་ ཚོགས་པའི་སྒོ་ནས་མཇུག་ལེགས་པར་གྲུབ་ཅིང་། དེ་བཞིན་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་ ལམ་སྟོན་བཀའ་སློབ་ཤིན་ཏུ་འགངས་ཆེ་བ་སྩལ་བ་དང་ཆབས་ཅིག །ཚོགས་ཞུགས་པ་ཡོངས་ཀྱི་སྤྱན་ལམ་དུ་མཆོད་སྤྲིན་གྱི་གཟིགས་འབུལ་ སྣ་ཚོགས་པ་དང་། མཐར་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་ལྟ་བུའི་མར་མེའི་མཆོད་སྤྲིན་ཡིད་དུ་འོང་བའི་སྒོ་ནས་བཀའ་བརྒྱུད་སྨོན་ལམ་ ཐེངས་སོ་དྲུག་པའི་མཛད་སྒོ་དེ་བཞིན་རྒྱལ་ཁའི་ངང་ནས་རེ་ཞིག་མཇུག་ལེགས་པར་གྲོལ།.

 

༡༽ མགོ་ཟླའི་རྫོགས་པ་གསུམ་པ་ཟླ་བ་ཉ་གང་བའི་སྲོད་དུ་ཆོས་རར་ཚོགས་ཞུགས་པ་ཡོངས་ཀྱི་དམིགས་པ་རིན་ཆེན་དང་པོའི་མདངས་འཕྲོ་ བའི་སྟོན་པའི་སྣང་བརྙན་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་གཏོད་ཅིང་། སྔོན་དཔགས་བཞིན་བརྙན་འཕྲིན་བརྒྱུད་དཔལ་༸རྒྱལ་དབང་ ཀརྨ་པ་མཆོག་གི་གསུང་བཤད་ནང་དམིགས་བསལ་ལམ་སྟོན་བཀའ་སློབ་ཅི་ཕེབས་ལ་ངང་སྒུག་ཞུ་བཞིན་པ།

 

༢༽ དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་དམིགས་བསལ་གསུང་བཤད་དུ་ཐོག་མར་༸སྐྱབས་རྗེ་གོ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་འཚམས་འདྲི་མཛད་ཅིང་། དེ་བཞིན་མཆོག་གི་སྤྲུལ་སྐུ་རྣམ་པ་དང་། མཁན་སློབ་རྣམ་པ། དེ་མཚུངས་དགོན་སྡེ་ཁག་ནས་ཕེབས་པའི་དགེ་འདུན་བཙུན་པ་དང་བཙུན་མ་རྣམ་པ། གཞན་ཡང་ཤར་ནུབ་ཡུལ་གྲུ་ ཁག་ནས་ཕེབས་པའི་དད་ལྡན་ཕོ་མོ་རྣམ་པ་བཅས་ཡོངས་ལ་འཚམས་འདྲི་མཛད།

 

༣༽ སྨོན་ལམ་ཆོས་རའི་མདུན་དུ་ཞབས་སྟེགས་གོ་སྒྲིག་ཞུས་པའི་སྟེང་བཞུགས་པའི་༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་དང་། སྐྱབས་རྗེ་མི་ འགྱུར་རིན་པོ་ཆེ་། དེ་བཞིན་མཁན་པོ་བློ་གྲོས་དོན་ཡོད་རིན་པོ་ཆེ་རྣམ་གསུམ་ནས་དཔལ་༸རྒྱལ་དབང་ཀརྨ་པ་ཆེན་པོ་མཆོག་གི་བཀའ་ སློབ་ལ་དང་བ་ཆེན་པོས་གསན་བཞེས་མཛད་བཞིན་པ།

 

༤༽ དེ་བཞིན་བཙུན་མ་རྣམས་ནས་དཔལ་༸རྒྱལ་དབང་ཀརྨ་པའི་བཀའ་སློབ་རིན་པོ་ཆེར་དད་གུས་ཆེན་པོས་གསན་བཞིན་པ།

 

༥༽ དེ་བཞིན་དུ་ཆོས་རའི་སྟེང་བཞུགས་དགེ་སློང་རྣམས་ནས་ཀྱང་དད་གུས་ཆེན་པོས་མགོན་པོ་མཆོག་གི་བཀའ་སློབ་གསན་བཞིན་པ།

 

༦༽ དད་ལྡན་སྐྱ་བོ་ཕོ་མོ་རྣམས་ནས་ཀྱང་དད་གུས་བླ་མེད་ཀྱི་སྒོ་ནས་རྒྱལ་བའི་བཀའ་སློབ་ལ་ཉན་བཞིན་པ།

 

༧༽ རུམ་བཏེག་བཤད་གྲྭའི་མཁན་པོ་ཚུལ་ཁྲིམས་ལགས་ནས་དང་བ་ཆེན་པོས་༸རྒྱལ་དབང་མཆོག་གི་བཀའ་སློབ་ལ་ལེགས་པར་ གསན་བཞིན་པ།

 

༨༽ མར་མེའི་སྨོན་ལམ་གྱི་མཛད་རིམ་རྣམས་རེ་རེ་བཞིན་དྲིལ་བསྒྲགས་པས་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཐོག་གསལ་བཤད་མཛད་ བཞིན་པ།

 

༩༽ འབྲུག་ཡུལ་ནས་ཡིན་པའི་སྒྲུབ་སྡེ་དཔལ་མོ་ཆོས་ཀྱི་ལྡིང་ཁང་གི་བཙུན་མ་རྣམས་ནས་དཀོན་མཆོག་གསུམ་གྱི་བསྟོད་དབྱངས་ཞེས་ པ་དབྱངས་རྟ་སྙན་པོའི་སྒོ་ནས་ཚོགས་ཞུགས་པ་ཀུན་ལ་གཟིགས་འབུལ་བསྟར་བཞིན་པ།

 

༡༠༽ བཀའ་བརྒྱུད་སྨོན་ལམ་གྱི་བཙུན་པ་དང་བཙུན་མའི་དབུ་མཛད་ཁྲི་པ་བརྒྱད་ནས་སྤྱན་རས་གཟིགས་འགྲོ་དོན་མཁའ་ཁྱབ་མ་དེ་བཞིན་ གསུང་དབྱངས་སྙན་པའི་རྟ་ལ་དྲངས་ཏེ་འདུས་པ་ཡོངས་ལ་གཟིགས་འབུལ་སྙན་སྒྲོན་ཞུ་བཞིན་པ།

 

༡༡༽ སྒྲུབ་སྡེ་ཆོས་ཀྱི་དཔལ་མོའི་ལྡིང་ཁང་གི་བཙུན་མ་རྣམས་དང་ཁྲ་འགུ་བཛྲ་བི་དྱཱའི་གཙུག་ལག་སློབ་གཉེར་ཁང་གི་དགེ་འདུན་ཐུན་མོང་ ནས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་མཛད་པའི་རབ་དགའི་སྨོན་ལམ་གྱི་སྨོན་ཚིག་དེ་བཞིན་སྙན་འཇེབས་ལྡན་པའི་དབྱངས་ཀྱི་སྒོ་ནས་ འདུས་པ་ཡོངས་ལ་གཟིགས་འབུལ་ཞུ་བཞིན་པ།

 

༡༢༽ སྙེ་ཤང་བའི་དད་སྦྱིན་ཉ་མ་རྣམས་ནས་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་མགུར་གྱི་ཆ་ཤས་ཤིག་མགྲིན་དབྱངས་སྙན་པོས་གཟིགས་ འབུལ་ཞུ་བཞིན་པ།

 

༡༣༽ ༸རྒྱལ་དབང་མཆོག་སྐུ་དངོས་སུ་སྨོན་ལམ་དུ་རྐྱེན་དབང་གིས་ཞབས་མ་བཅགས་ཀྱང་བརྙན་འཕྲིན་བརྒྱུད་མར་མེའི་སྨོན་ལམ་གྱི་དབུ་སྐུལ་ མཛད་བཞིན་པ།

 

༡༤༽ ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་ནས་མར་མེའི་མཆོད་སྤྲིན་འདེགས་འབུལ་ཞུ་བཞིན་པ།

 

༡༥༽ དེ་བཞིན་༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་ནས་མར་མེའི་མཆོད་སྤྲིན་འདེགས་འབུལ་ཞུ་བཞིན་པ།

 

༡༦༽ རབ་ཏུ་དང་བའི་དགེ་འདུན་ཡོངས་ནས་དང་བ་ཆེན་པོས་མར་མེའི་སྨོན་ལམ་གསུང་བཞིན་པ།

 

༡༧༽ དེ་བཞིན་དུ་སྨོན་ལམ་ཆོས་རའི་འདུས་པ་ཡོངས་ནས་མར་མེའི་སྨོན་ལམ་གསུང་བཞིན་པ།

 

༡༨༽ བཙུན་མ་ཞིག་ནས་མར་མེའི་མཆོད་སྤྲིན་འདེགས་འབུལ་བགྱིད་བཞིན་པ།

 

༡༩༽ དེ་བཞིན་དུ་མར་མེའི་མཆོད་སྤྲིན་རྒྱ་མཚོའི་འདེགས་འབུལ་དང་འབྲེལ་འདུས་པ་ཀུན་ནས་མགྲིན་དབྱངས་གཅིག་གྱུར་གྱིས་མར་མེའི་ སྨོན་ལམ་གསུང་བཞིན་པ།

 

༢༠༽ ཚོགས་ཞུགས་འདུས་པ་ཡོངས་ནས་མར་མེའི་མཆོད་སྤྲིན་འདི་ཉིད་ཀྱིས་མ་རིག་མུན་པ་སེལ་བའི་སྨོན་འདུན་བགྱིད་བཞིན་པ།