KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲི་ཆེན་པོས་བཀའ་བརྒྱུད་སྨོན་ལམ་ཚོགས་མི་དང་བླངས་པ་རྣམས་ལ་བསྩལ་བའི་བཀའ་སློབ་རགས་བསྡུས། 

༧སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲི་ཆེན་པོས་བཀའ་བརྒྱུད་སྨོན་ལམ་ཚོགས་མི་དང་བླངས་པ་རྣམས་ལ་བསྩལ་བའི་བཀའ་སློབ་རགས་བསྡུས། 

སྤྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༩།  
དེ་ཡང་ཐོག་མར་བཀྲ་ཤིས་པའི་མཚོན་དོན་དུ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད་གསུངས་གནང་ཏེ། 
        དེ་ཡང་སྔོན་སངས་རྒྱས་ཤཀྱ་ཐུབ་པ་འཇིག་རྟེན་འདིར་བྱོན་པའི་སྐབས་སུ། ཁོང་ལ་འཁོར་གྱི་གཙོ་བོ་སློབ་མ་ལྔ་དང་བྱེ་བྲག་སྟོང་ཕྲག་མང་པོ་ཡོད་ལ། ཁོང་གི་བསྟན་པ་ཡང་རྒྱ་ཆེེེེར་རྒྱས་ཡོད་རེད། དེ་བཞིན་སྟོན་པ་བདེ་བར་གཤེགས་པ་སྐུ་མྱ་ངན་ལས་འདས་རྗེས་ཀྱང་བྱང་སེམས་འཕགས་པའི་ཚོགས་མང་པོ་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ཡོད། དེ་དག་ཀྱང་གཙོ་བོ་སངས་རྒྱས་རང་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་བྱིན་རླབས་དང་། འཁོར་སློབ་མ་དེ་དག་གི་དད་གུས་དམ་ཚིག་བཙན་པོས་རྣམ་དཀར་ཚོགས་གཉིས་རྫོགས་པ་ལྷན་དུ་འཛོམས་པའི་ཉེེར་ལེན་བཟང་པོ་ལ་བརྟེན་ནས་བྱུང་བ་ཡིན་པ་དང་། དེ་ནས་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དར་ནས། བཀའ་བརྒྱུད་པའི་བསྟན་པ་དང་ཆོས་བརྒྱུད་གཞན་གྱི་བསྟན་པ་ཡང་དར་ཡོད་རེད། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་སྨོན་ལམ་ལ་བརྟེན་ནས་བྱུང་བ་རེད། 
       དེ་བཞིན་དུ་ཀརྨ་པ་དུས་གསུམ་མཁྱེན་པ་ཕེབས་པ་ནས་བཟུང་། ད་ལྟ་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གི་བར་དུ་ཀརྨ་པའི་སྐུ་ཡི་གསེར་ཕྲེང་རྣམས་རིམ་པ་བཞིན་དུ་ཕེབས་ཡོད་རེད་ལ། དེ་བཞིན་དུ་མ་འོངས་པ་ཡང་ཀརྨ་པའི་སྐུ་ཕྲེང་མུ་མཐུད་དེ་ཕེབས་ཀྱི་རེད། རྒྱ༧ལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་འོག་ནས་འདི་ལྟ་བུ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཞེས་འཛམ་གླིང་ཡོངས་ལ་གྲགས་ཞིང་། དད་ལྡན་འགྲོ་བ་འདྲེན་པའི་མིག་རྒྱན་དུ་གྱུར་པ་ལོ་ལྟར་བཞིན་དུ་འཚོག་ཐུབ་པ་དེ་ཡང་། དམ་པ་གོང་མ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་། ༧རྒྱལ་དབང་མཆོག་གི་ཐུགས་བསྐྱེད་དང་ཁྱེད་རང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་བསྙེན་བཀུར་ཞབས་ཏོག་ཡག་པོ་ཞུས་ཏེ་ཚོགས་བསགས་པའི་འབྲས་བུ་བླ་ན་མེད་པ་ཞིག་ཡིན་པ་དང་། རྒྱུ་མཚན་དེ་ལྟ་བུ་ལ་བརྟེན་ནས་ང་རང་ཚོས་དབུ་སྐྱབས་འགྲོ་ནས་བཟུང་དགེ་ཚོགས་གང་ཡིན་ཡང་མཇུག་སྨོན་ལམ་གྱིས་བརྒྱན་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཡང་གང་དགེ་ཚོགས་བསགས་པ་དེ་འཕྲོ་བརླག་མི་འགྲོ་བ་དང་གོང་དུ་འཕེལ་བའི་དོན་དུ་རེད། 
 དེ་ཡང་ལྷག་པར་དུ་ནང་པའི་ཆོས་ལུགས་ནི་ཆོས་ལུགས་གཞན་དང་མི་འདྲ་བར་ཐུན་མོང་མ་ཡིན་པ་སྨོན་ལམ་གྱིས་སྒོ་ནས་བསྒྲུབ་པའི་རྒྱུ་མཚན་གཙོ་བོ་དེ། ཆོས་ཐམས་ཅད་སེམས་ལ་རག་ལས་པའམ་སེམས་གཙོ་བོ་ཡིན་པའི་རྒྱུ་མཚན་རེད། དེ་བཞིན་དུ་སངས་རྒྱས་ཀྱིས་བདེན་བཞི་ཆོས་འཁོར་གསུང་དུས་ཀྱང་གཙོ་བོ་སེམས་ཀྱི་སྒོ་ནས་གསུངས་ཡོད་རེད། སེམས་དེ་གཙོ་བོ་ཡིན་དུས་སྒོམ་རྒྱག་ཡ། ལུས་ཀྱི་སྤྱོད་ལམ་དང་མཐར་འབྲས་བུ་ཚང་མ་སེམས་རེད། དེས་ན་སྨོན་ལམ་དེ་གཙོ་ཆེན་པོ་ཞིག་ཆགས་ཡོད་ལ། 
         དམིགས་བསལ་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་པའི་དགོས་པ་གཙོ་བོ་ཐུན་མོང་དང་ཐུན་མོང་མ་མིན་པ་གཉིས་ཡོད་རེད། དང་པོ་ཐུན་མོང་གི་དགོས་པ་ནི། འཛམ་གླིང་ནང་སྔར་མ་གྲགས་པའི་ནད་ཡམས་དང་དམག་འཁྲུག ས་ཆུ་མེ་རླུང་སོགས་རང་བྱུང་འབྱུང་བཞིའི་འཇིགས་པ་སོགས་བཟློག་ཆེད་རེད་ལ། དེ་ཡང་སེམས་ཅན་ཁ་ཤས་ཀྱིས་སྔ་མེད་པའི་བསམ་སྦྱོར་ངན་པ་བརྩམས་ནས་སེམས་ཅན་གྲངས་མེད་པ་ལ་གནོད་འཚེ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་རེད། དེ་ལྟ་བུ་མི་འདོད་པའི་གནོད་འཚེའི་རིགས་ཐམས་ཅད་ཞི་བར་བྱེད་པ་ལ་སངས་རྒྱས་བསྟན་པ་རྒྱས་དགོས་ཀྱི་ཡོད། དེས་ན་ཐུན་མོང་མ་ཡིན་པའི་དགོས་པ་ནི། ལུང་རྟོགས་གཉིས་ཀྱི་བདག་ཉིད་དུ་བཞུགས་པའི་སངས་རྒྱས་ཀྱི་བསྟན་པ་རྒྱས་དགོས་པ་དེ་རེད།  བསྟན་པ་རྒྱས་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་རྒྱུད་ལ་ཉོན་མོངས་པ་མེད་པ་ཆགས། ཉོན་མོངས་མེད་པ་ཆགས་པ་ལ་བརྟེན་ནས། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བརྙེས་ཐུབ། དེ་ཡང་མི་སྒེེར་རེ་རེ་ཁེར་རྐྱང་སྡོད་ནས་ཆོས་བྱས་པ་ལས་ཀྱང་། ཚང་མ་མཉམ་དུ་འཛོམས་ནས་ཆོས་བྱས་པའི་དགེ་ཚོགས་དེ་སྟོབས་ནུས་དང་བྱིན་རླབས་ཆེ་བ་ཡོད་རེད། སྨོན་ལམ་འདི་ལྟ་བུ་འཚོག་དུས་སོ་སོའི་མིག་གིས་དངོས་སུ་མཐོང་ཐུབ་པའི་སྐྱེས་བུ་དམ་པ་རྣམས་དང་འཕགས་པའི་ཚོགས་མཇལ་བའི་བསོད་ནམས་ཡོད་པ་མ་ཟད། མིག་གི་མཐོང་ཡུལ་ལས་འདས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དམ་ཆོས་ཆོས་སྐྱོང་མ་ཧཱ་ཀཱ་ལ་སོགས་བསམ་ཡུལ་ལས་འདས་པ་མང་པོ་ཡོད་པས། དེ་ལ་རྣམ་དཀར་གྱི་ཆོས་དགེ་བ་སྨོན་ལམ་གང་བྱས་པ་དེ་བྱིན་རླབས་ཁྱད་པར་དུ་འཕགས་པ་ཡོད་རེད། དེས་ན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་གོ་སྒྲིག་གནང་མཁན་ཚོགས་མིའི་ཡོངས་ལ་ཐུགས་རྗེ་བཀའ་དྲིན་ལན་བརྒྱར་ཞུ་བ་དང་འབྲེལ། དེ་བཞིན་དུ་སྨོན་ལམ་ཆེན་མོ་ལ་དང་བླངས་པ་སོགས་ཞབས་ཏོག་སྒྲུབ་མཁན་ཡོངས་ལ་ཡང་ཐུགས་རྗེ་ཆེ་ཞུ། དེ་ལྟ་བུ་མཐུན་རྐྱེན་དང་ཆ་རྐྱེན་གནང་མཁན་ཡོངས་ལ་བཀའ་བརྒྱུད་སྨོན་ལམ་ཚོགས་ཆེན་ནས་ཐུགས་བསྐྱེད་སྨོན་ལམ་གང་རྒྱས་གསུང་གིན་ཡོད་རེད་ལ། ངས་ཀྱང་སྨོན་ལམ་གང་རྒྱས་བྱེད་ཡོང་། དེ་ལས་ལྷག་པ་ང་ལ་གང་ཡང་ཞུ་ཡ་མེད། ཅེས་གསུངས་ནས། བཀའ་བརྒྱུད་སྨོན་ལམ་ཚོགས་མི་དང།  ལས་བྱེད་པ། དང་བླངས་པ་སོགས་མདོར་ན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ལ་སྲི་ཞུ་ཞབས་ཏོག་གནང་མཁན་ཡོངས་ལ་བཀའ་སློབ་ཟབ་རྒྱས་གནང་ནས་མཇལ་ཁ་དང་ཕྱག་དབང་གནང། དེའི་རྗེས་སུ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཚོགས་པའི་འགན་འཛིན་བླ་མ་ཆོས་གྲགས་མཆོག་ནས་ཀྱང་བཀའ་བརྒྱུད་སྨོན་ལམ་ཚོགས་མི་དང།  དང་བླངས་པ་རྣམས་དང་། སྲི་ཞུ་ཞབས་ཏོག་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་། ཐུགས་རྗེ་ལེགས་འབུལ་མཚོན་བྱེད་དུ་བཀའ་བརྒྱུད་སྨོན་ལམ་ལས་རྟགས་ཡོོད་པའི་བསིལ་ཞྭ་དང་བྱིན་རླབས་གསོལ་རས་གནང་ནས་མཇུག་བསྡུ་གནང་སོང་།
ཞེས་སྤྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡༠ ཉིན་ལ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གནས་ཚུལ་ཕྱོགས་བསྡུས་པ་ཕྲན་རྒྱལ་ལོ་བཀྲ་ཤིས་ནས་རགས་བསྡུས་བྱས་པར་དགེའོ།

2025.02.09 Member Audience with Goshir Gyaltsab Rinpoche